lhasa - shapaley lyrics
མིག་ཙུམ་དུས་སྔོན་མའི་བསམ་བློ་འཁོར་ཡོང་གིས་
དུས་འདས་པའི་གནས་ཚུལ་མིག་མདུན་ལ་མཐོང་ཡོང་གིས་
བྱ་རྒོད་ནང་བཞིན་སྒང་ནས་ལྷ་སའི་ས་ཀྲ་འཐོང་གིས་
ལམ་ཁ་གད་ཕྱིས་བྱེད་མཁན་ཟུར་དེར་རྨོ་བོ་ལགས་ཞོག་ཁོག་ཙོང་གིས་
གཙུག་ལག་ཁང་གི་མདུན་ལ་དགོང་དག་བར་དུ་ཕྱག་འཚལ་མཁན་
ཁ་ཤས་ཚོང་རྒྱབ་སྐེ་ལ་བྱུ་རུ་རྟགས་བསྡད་མཁན་
བར་འཁོར་འཚང་ཀའི་ནང་ཡར་མར་འགྲོ་མཁན་མང་པོ་འདུག་
ཇ་ཁང་ནང་ཐུག་པ་འཐུང་ ཁ་ཤས་རོགས་པ་ཐུག་
ད་དུང་གྲོང་གསེབ་ཕྲུ་གུ་ཆུང་ཆུང་ སྒྲ་སྙན་འཁྱེར་བྱས་སླེབས་ཞག་
ཕར་ཙམ་དེར་ཅོའོ་གཅིག་གིས་བོུར་མིག་འཛུམ་རྒྱབ་བྱས་བསྡད་ཞག་
དགོན་པའི་ནང་ནས་སྤོས་དང་ཆོས་མེ་འབར་པའི་དྲི་མ་ཁ་ཡིས་
ནང་ལོགས་ཚོགས་ཚོགས་དུས་གྲྭ་བཙུན་དཔེ་ཆ་ལྟ་ཡིས་
ཁྲོམ་གཟིགས་ཁང་ཚལ་ཙོང་མཁན་གད་མོ་འགད་བསྡད་
ཟ་ཁང་སྒོ་འགྲམ་ལངས་བྱས་ཁ་ཤས་ལྟས་མོ་བལྟ་བསྡད་
དྲན་ཤེས་ཀྱི་པར་ནང་སྔོན་མའི་འཚོ་བ་ཚང་མ་གསལ་པོ་མཐོང་གིས་
ཕྱིན་ཚར་པའི་ལམ་དང་ཉམས་མྱོང་དེ་ཚོ་ཡང་སྐྱར་ཡོང་གིས་
ལྷ་སའི་བར་སྐོར་ནས་ཞོལ་གྲོང་གསར་
འགྲོ་བའི་ལམ་སྒང་
མིའི་གདོང་དང་འཁྲོམ་མཐོང་ས་
གཞོན་ནུའི་ལམ་ཁར་ཀྱག་བྱས་བསྡད་
ཐལ་འཕུར་སྒང་གི་ལའ་ཕིང་ལྡག་བྱས་བསྡད་
ར་མོ་ཆེ་ཡི་མདུན་དེར་ཕྱག་འཚལ་བསྡད་
སྐྱིད་པའི་འཚོ་བ་ སྐྱིད་པའི་འཚོ་བ་
ཕལ་ཆེར་སེམས་ནང་པར་རྗེས་ལེམ་ཙང་བྱས་པ་མིན་འགྲོ་
ཕལ་ཆེར་ལོ་མང་པོ་སྐྱེལ་ཙང་སེམས་ནང་བསྡད་པ་མིན་འགྲོ་
སྒལ་པར་ཏོ་ཕད་ཁུར་ཞོགས་པ་སློབ་གྲྭར་ཕྱིན་པ་དྲན་གྱིས་
ཞིང་ཁའི་ནང་འབུ་བླ་མ་མ་ཎི་འཛིན་པ་དྲན་གྱིས་
འཛིན་གྲྭའི་ནང་ཀུ་རུམ་སྒྲིག་ཚང་མ་སའི་སྒང་བསྡད་
ཡིན་ནའི་སྤྱོད་པ་ངན་པ་བྱས་ན་རྒན་ལགས་ཀྱི་ཁའི་སྒང་སྤྲད་
དེ་ནས་སློབ་གྲྭ་གྲོལ་བྱས་ཤུ་གུ་ཉོས་བྱས་
དེ་ནས་བྱ་འཕིར་བཟོས་བྱས་
རྟག་པ་ཐོག་ཁ་བློས་བསྡད་
སྒང་ནས་ལྟ་དུས་ལྷག་པས་རླུང་རྟ་འཁྱེར་འགྲོ་ཡིས་
དགའ་ལྡན་དགོན་པའི་ཕྱོགས་ནས་བསང་དྲི་མ་འཁྱེར་ཡོང་གིས་
གླིང་ཁའི་ནང་སྐྱིད་པོ་བྱས་བསྡད་བྱས་ཤོ་རྒྱབ་པའི་སྐད་གོ་ཡིས་
ས་རུབ་དུས་འབྲེལ་བ་བྱས་ཁྲོམ་ལ་ཡའ་མི་ཚང་མ་ཚལ་ཉོས་ཀྱིས་
ལྷ་སའི་གཞུང་ལམ་དང་ཕོ་བྲང་པོ་ཏ་ལ་
ཀླུ་ཁང་དང་ ལྷ་ཀླུའི་སྤང་སྒང་དགུན་ཁར་གངས་བཏང་
དྲན་ཤེས་ཀྱི་པར་ནང་སྔོན་མའི་འཚོ་བ་ཚང་མ་གསལ་པོ་མཐོང་གིས་
ཕྱིན་ཚར་པའི་ལམ་དང་ཉམས་མྱོང་དེ་ཚོ་ཡང་སྐྱར་ཡོང་གིས་
ལྷ་སའི་བར་སྐོར་ནས་ཞོལ་གྲོང་གསར་
འགྲོ་བའི་ལམ་སྒང་
མིའི་གདོང་དང་འཁྲོམ་མཐོང་ས་
གཞོན་ནུའི་ལམ་ཁར་ཀྱག་བྱས་བསྡད་
ཐལ་འཕུར་སྒང་གི་ལའ་ཕིང་ལྡག་བྱས་བསྡད་
ར་མོ་ཆེ་ཡི་མདུན་དེར་ཕྱག་འཚལ་བསྡད་
སྐྱིད་པའི་འཚོ་བ་ སྐྱིད་པའི་འཚོ་བ་
སྔོན་མ་ཆུང་དུས་སྐབས་ཀྱི་བསམ་བློ་དེ་གས་གཅིག་བྱས་
ཆུང་དུས་བསམ་བློ་འཁོར་པ་སེམས་ནང་དུ་འཁྱེར་བསྡད་
དུས་འདས་པའི་འཚོ་བ་དེ་གས་གཉིས་བྱས་
མུ་མཐུད་བྱས་ལམ་དེའི་སྒང་ཁྲིད་བསྡད་
Random Song Lyrics :